མཉམ་འབྲེལ་དང་ཤེས་བྱ་བརྒྱུད་སྤེལ་གྱི་ལམ་ཁ་རྒྱུད་དེ། བོད་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་འཕྲུལ་རིགས་ཀྱི་ནུས་པ་བསྐྱེད་བསྲིང་དང་བདེ་འཇགས་སྲ་བརྟན་བཟོ་རྒྱུ་དེ་ཡིན།

ང་ཚོས་སྒྲུབ་བཞིན་པའི་ལས་ཀ




ཞབས་ཞུ་ཁག

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་གཤམ་དུ་འཁོད་པའི་ཞབས་ཞུ་ཁག་མཁོ་སྤྲོད་བྱེད་རྒྱུ་ཁས་ལེན་བྱེད་ཀྱི་ཡོད།

དྲ་རྒྱའི་བདེ་འཇགས་སྐོར་གྱི་སྦྱོང་བརྡར།

དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་སྲིད་ཇུས་ཡར་རྒྱས་དང་ལག་བསྟར།

དྲ་རྒྱའི་བདེ་འཇགས་དོན་རྐྱེན་ལ་ཡ་ལན།

བདེ་འཇགས་ཡོད་པའི་འཕྲུལ་ཆས་རིགས་ཀྱི་སྐོར་ལ་ལམ་སྟོན་དང་། དེའི་འབྲེལ་གྱི་རྨང་གཞི་འཛུགས་སྐྲུན་བཀོད་སྒྲིག

སྒྲིག་འཛུགས་རང་བཞིན་གྱི་བདེ་འཇགས་ཞིབ་བཤེར་དང་དག་ཐེར།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ངོས་ནས། རོགས་འདེགས་ཞབས་ཞུ་སྟེགས་བུ་བཀོད་སྒྲིག་བྱེད་རྒྱུ་དང་། ཚོགས་མི་ཚོར་ཡ་ལན་སྤྲད་ཕྱོགས་ཀྱི་ཐོག་ཏུ་གལ་གནད་ཆེ་བ་འཛིན་རྒྱུ།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མི་ཚོའི་ཤེས་བྱ་དང་ནུས་པ་གོང་མཐོར་གཏོར་ཕྱིར། ཚོགས་མི་རྣམས་དྲ་རྒྱའི་བདེ་འཇགས་དང་། དོན་རྐྱེན་ཐོག་གཅོད་བྱེད་སྟངས་སྐོར་གྱི་སྦྱོང་བརྡར་ཁག་གི་ནང་འཛུལ་ཞུགས་བྱེད་པར་གདན་ཞུ་བྱེད་ངེས།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མིའི་ཆ་རྐྱེན་ཁག

ཚོགས་མི་ཚོགས་པ་སྒྲིག་འཛུགས་ཁག་གིས། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཡ་ལན་རུ་ཁག་གི་ངོས་ནས་འབྲེལ་གཏུག་བྱ་སའི་ལས་བྱེད་ཅིག་རང་རང་གི་ལས་ཁུངས་ནང་དུ་ངེས་པར་དུ་བསྐོ་བཞག་བྱེད་དགོས།

འབྲེལ་ཡོད་ལས་ཁུངས་དང་སྒྲིག་འཛུགས་ཀྱི་ལས་བྱེད་ཚང་མ། ཡ་ལན་རུ་ཁག་གི་ངོས་ནས་བཀོད་སྒྲིག་བྱས་པའི་དྲ་རྒྱའི་བདེ་འཇགས་ཀྱི་རྨང་གཞིའི་སྦྱོང་བརྡར་གྱི་ནང་དུ་ཞུགས་རྒྱུ་ངེས་པར་དུ་ཁས་ལེན་བྱེད་དགོས།སྦྱོང་བརྡར་ཁག་ཚོགས་པ་དང་སྒྲིག་འཛུགས་བྱེ་བྲག་པ་རེ་རེའི་དམིགས་བསལ་གྱི་དགོས་མཁོ་གཞིར་བཟུང་སྟེ་སྤྲོད་རྒྱུ་ཡིན་ལ། སྦྱོང་བརྡར་དེ་ཚོགས་པ་སྒྲིག་འཛུགས་གང་རུང་ཞིག་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཁོངས་སུ་ཞུགས་རྗེས་ཀྱི་ཟླ་དྲུག་གི་ནང་ཚུད་དུ་སྤྲོད་དགོས།

ཚོགས་པ་སྒྲིག་འཛུགས་བྱེ་བྲག་པ་དེར་གཏན་འབེབས་ཟིན་པའི་དྲ་རྒྱའི་བདེ་འཇགས་ཀྱི་སྲིད་ཇུས་ཤིག་ཡོད་དགོས་པའམ། ཡང་ན། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཁོངས་སུ་ཞུགས་རྗེས་ཀྱི་ལོ་གཅིག་གི་ནང་ཚུད་དུ། ཡ་ལན་རུ་ཁག་གི་ཚོགས་མི་གང་རུང་ཞིག་དང་མཉམ་འབྲེལ་སྒོས། དྲ་རྒྱའི་བདེ་འཇགས་ཀྱི་སྲིད་ཇུས་གསར་སྤེལ་དང་ལག་བསྟར་བྱེད་རྒྱུ་ཁས་ལེན་བྱེད་དགོས།

ཚོགས་པ་སྒྲིག་འཛུགས་ཁག་གིས་རང་རང་གི་ཚོགས་པ་བརྒྱུད་ནས་ཧ་གོ་བ་དང་ངོས་འཛིན་ཐོབ་པའི་དྲ་ཐོག་གི་ཉེན་ཁའི་རིགས་(དོགས་གཞི་ཅན་གྱི་གློག་འཕྲིན་དང་། མཉེན་འབུ་སོགས། )ཀྱི་གཞི་གྲངས་སམ་ཡིག་ཆ་རིགས། ཞིབ་འཇུག་གི་ལས་གཞིའི་ཆེད་དུ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཡ་ལན་རུ་ཁག་གི་ཚོགས་མི་གང་རུང་ལ་བགོ་འགྲེམས་བྱེད་པའི་འདོད་མོས་ཡོད་དགོས།

ཚོགས་པ་སྒྲིག་འཛུགས་ཁག་གིས་རང་རང་གི་ཚོགས་པ་བརྒྱུད་ནས་ཧ་གོ་བ་དང་ངོས་འཛིན་ཐོབ་པའི་དྲ་ཐོག་གི་ཉེན་ཁའི་རིགས་(དོགས་གཞི་ཅན་གྱི་གློག་འཕྲིན་དང་། མཉེན་འབུ་སོགས།)ཀྱི་གཞི་གྲངས་སམ་ཡིག་ཆ་རིགས། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ རྟོག་ཞིབ་ཚན་ཁག་ལས་དོན་རུ་ཁག་ལ་བགོ་འགྲེམས་བྱས་ཏེ། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་འཕྲད་སྲིད་པའི་ཉེན་ཁའི་རིགས་ངོས་འཛིན་དང་དེ་དག་གི་གནས་བབ་ཆུང་དུ་གཏོང་བར་རོགས་འདེགས་བྱེད་དགོས།

ཚོགས་པ་སྒྲིག་འཛུགས་ཁག་གིས། གནས་ཚུལ་བདེ་འཇགས་བཟོ་ཚོང་ཁང་ཁག་གིས་བེད་སྤྱོད་གཏོང་བཞིན་པའི་ཡིག་ཆ་བགོ་འགྲེམས་བྱེད་ཕྱོགས་ཀྱི་ཚད་གཞི་སྟེ། འགྲིམ་འགྲུལ་གློག་གི་གྲོས་མཐུན་(Traffic Light Protocol)ལ་བརྩི་སྲུང་བྱེད་དགོས། (བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དྲ་ངོས་སུ་ཡོད།)

ཚོགས་མིའི་རིན་པ།

ད་ལྟའི་ཆར། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཁྱབ་ཁོངས་སུ་འཛུལ་བར་ཚོགས་མིའི་རིན་པ་གང་ཡང་སྤྲོད་དགོས་ཀྱི་མེད། འོན་ཀྱང་། ལས་འཆར་གལ་ཆེན་འདི་རྒྱུན་རིང་པོར་གནས་ཐུབ་པའི་ཆེད་དུ། མ་འོངས་པའི་ཚོགས་མི་གསར་པ་ཁག་ལ་རིན་པ་སྤྲོད་དགོས་པའི་ལམ་ལུགས་ཤིག་བཟོ་སྲིད། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ནི་ཚོགས་སྡེའི་རང་བཞིན་གྱི་ལས་འཆར་ཞིག་ཡིན་པས། ལས་འཆར་འདི་རྒྱུན་རིང་པོར་གནས་བར། ཚོགས་སྡེ་ཁག་གི་རྒྱབ་སྐྱོར་ནི་མེད་དུ་མི་རུང་བ་ཡིན་ནོ།

འགྲིམ་འགྲུལ་གློག་གི་གྲོས་མཐུན་(TLP)

འགྲིམ་འགྲུལ་གློག་གི་གྲོས་མཐུན་གྱིས་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ངོས་ནས་གནས་ཚུལ་དང་ཆ་འཕྲིན་བགོ་འགྲེམས་བྱེད་ཕྱོགས་འགྲེལ་བཤད་བྱེད་ཀྱི་ཡོད་ལ། འདི་ནི



བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མི་ཕན་ཚུན་བར་དང་།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་དང་བོད་པའི་ཚོགས་སྡེའི་བར།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་དང་དྲ་རྒྱའི་བདེ་འཇགས་ཉམས་ཞིབ་པའི་བར།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་དང་ལམ་སྟོན་ལྷན་ཁང་གི་ཚོགས་མི་བཅས་ཀྱི་བར་དུ་གནས་ཚུལ་བགོ་འགྲེམས་དང་མཉམ་སྤྱོད་བྱེད་ཕྱོགས་ཀྱི་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་སྐོར།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་དངོས་གཞིའི་མཉམ་འབྲེལ་གཞིར་བཟུང་གི་སྒྲོམ་གཞི་ཞིག་གི་འོག་ཏུ། བོད་པའི་ཚོགས་སྡེ་ཁག་ལ་འཕྲད་བཞིན་པའི་དྲ་ཐོག་གི་ཉེན་ཁའི་རིགས་ཆུང་དུ་གཏོང་རྒྱུ་དང་། བོད་ནང་གི་དྲ་རྒྱ་བཀག་སྡོམ་དང་གསང་མྱུལ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་དྲ་ཐོག་གི་ཉེན་ཁ་དང་འབྲེལ་བའི་གནས་ཚུལ་སོགས་ཀྱི་ཐོག་ཏུ། བོད་མི་ཚོའི་འཕྲུལ་རིག་ཉམས་ཞིབ་ཀྱི་ནུས་པ་རྒྱ་བསྐྱེད་གཏོང་རྒྱུ་དེ་ཡིན་ལ། མཐའ་དོན། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཚད་མཐོ་ བའི་དྲ་ཐོག་གི་རང་དབང་དང་བདེ་འཇགས་ཁག་ཐེག་བྱེད་རྒྱུ་དེ་ཡིན།

འབྲེལ་གཏུག


གློག་འཕྲིན་ཡིག་ཟམ།:


support(at)tibcert.org

PGP Key

submit(at)tibcert.org

PGP Key

info(at)tibcert.org

PGP Key