དྲ་ལམ་གྱི་ཚོགས་སྡེའི་སྤྱོད་ལམ་སྐོར་གྱི་ལམ་སྟོན་སྒྲིག་གཞི།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དྲ་ལམ་གྱི་ཚོགས་སྡེ་ནི། བོད་མི་ཚོ་མཉམ་འཛོམས་ཀྱི་ཐོག་ནས་ཕན་ཚུན་གྱི་ཉམས་མྱོང་བརྗེ་རེས་བྱ་ཆོག་སའི་དྲ་ལམ་གྱི་བར་སྟོང་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི། ནུས་སྟོབས་ལྡན་པའི་འཕྲུལ་རིག་བདེ་འཇགས་ཀྱི་ཚོགས་སྡེ་ཞིག་བསྐྲུན་རྒྱུ་དེ་ཡིན། དེར་བརྟེན། ང་ཚོར་མི་ཞིག་གི་ཕོ་མོའི་དབྱེ་བ་དང་། རིགས་རུས། ཕོ་མོའི་ངོ་བོ་དང་ལྟ་ཚུལ་འཛིན་སྟངས། འཁྲིག་སྦྱོར་མོས་ཕྱོགས། དབང་པོ་སྐྱོན་ཅན། ཕྱིའི་རྣམ་པ། གཟུགས་པོའི་རིང་ཐུང་། ལོ་ཚོད། ཆོས་ལུགས་དད་མོས་སོགས་གང་ཡིན་ལ་མ་ལྟོར་པར། བརྙས་བཅོས་དང་སུན་གཙེར་སོགས་གང་ཡང་མེད་པའི་ཡོངས་སྒྲིལ་རང་བཞིན་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཆོད་སེམས་བརྟན་པོ་ཡོད། གཞི་རྩའི་རྩ་འཛིན་དེའི་དབང་གིས། ང་ཚོས་དྲ་ལམ་དང་དངོས་ཡོད་འཚོ་བ་གཉིས་ཀའི་ནང་གི་བརྙས་བཅོས་ཀྱི་བྱ་སྤྱོད་རིགས་ཡོངས་རྫོགས་རྩ་བ་ནས་སྣང་མེད་དུ་མི་བསྐྱུར།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དྲ་ལམ་གྱི་ཚོགས་སྡེའི་ངོས་ནས་མི་ཚང་མར་དགའ་བསུ་དང་གུས་བརྩི་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཆོད་སེམས་བཅངས་ཡོད་སྟབས། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དྲ་ལམ་གྱི་ཁོར་ཡུག་ནང་དུ་ཞུགས་མཁན་གྱི་མི་ཚོས། ངོས་ལེན་བྱེད་ཐབས་བྲལ་བའི་བྱ་སྤྱོད་ངན་པའི་རིགས་གང་ཡང་མི་སྤེལ་བའི་རེ་ལྟོས་བྱེད་ཀྱི་ཡོད།

ཚུལ་མིན་བྱ་སྤྱོད་ཀྱི་ཚད་གཞི་ངོས་འཛིན་བྱེད་ཕྱོགས་ཀྱི་ལམ་སྟོན།

ཚུལ་མིན་གྱི་བྱ་སྤྱོད་བྲལ་བའི་ཡོངས་སྒྲིལ་རང་བཞིན་གྱི་ཁོར་ཡུག་ཅིག་གི་ནང་དུ།

  • ཕོ་མོའི་དབྱེ་བ་དང་། རིགས་རུས། ཕོ་མོའི་ངོ་བོ་དང་ལྟ་ཚུལ་འཛིན་སྟངས། འཁྲིག་སྦྱོར་མོས་ཕྱོགས། དབང་པོ་སྐྱོན་ཅན། ཕྱིའི་རྣམ་པ། གཟུགས་པོའི་རིང་ཐུང་། ལོ་ཚོད། ཆབ་སྲིད་ཀྱི་ལངས་ཕྱོགས། དབང་པོ་སྐྱོན་ཅན། ཕྱིའི་རྣམ་པ། གཟུགས་པོའི་རིང་ཐུང་། ལོ་ཚོད། ཆོས་ལུགས་དད་མོས་ཡོད་མེད་སོགས་དང་འབྲེལ་བའི་བཙན་གནོན་གྱི་བྱེད་ལས་ལ་ཤུགས་སྣོན་རྒྱག་པའི་ཡིག་ངག་གཉིས་ཐོག་གི་འབྲེལ་མཐུད།

  • སྤྱི་པའི་ས་ཆ་རུ་ཆགས་སྲེད་དང་འབྲེལ་བའི་ཚུལ་མིན་གྱི་པར་རིས་སྟོན་པ། (དེའི་ཁོངས་སུ་སྤྱན་འབུལ་གྱི་རྒྱུ་ཆའང་ཚུད།)
  • ངག་ཐོག་གི་དགོས་འདུན་དང་འཇིགས་སྐུལ།
  • བསམ་ངན་ཁོག་བཅུག་གིས་ཞེད་སྣང་སྐུལ་བ་དང་རྗེས་འདེད་གཏོང་བ། ཡང་ན། གཤམ་གྱི་དོན་ཚན་ཁག་སྟེ།
  • བརྙས་བཅོས་ཀྱི་པར་རིས་དང་སྒྲ།
  • དྲ་ལམ་དང་དངོས་ཡོད་འཚོ་བའི་ཁྲོད་དུ། གྲོས་བསྡུར་ལ་བར་ཆད་བཟོ་བའི་བྱེད་ལས་རྒྱུན་འཁྱོངས་བྱེད་པ་དང་། ལུས་པོར་རེག་པའི་འོས་མིན་གྱི་བྱེད་ལས།
  • དགའ་བསུ་མེད་པའི་ཆགས་སྲེད་རང་བཞིན་གྱི་དོ་སྣང་།
  • གཡོ་བཅོས་དང་བཙན་ཤེད་ཀྱིས་ཐོག་ནས། བཟའ་བཏུང་དང་དེ་མིན་གྱི་དངོས་པོ་རིགས་འཛད་སྤྱོད་བྱེད་དུ་འཇུག་པ།
  • བརྡ་སྤྲོད་དང་སྒྲ་གདངས་ཀྱི་ནོར་འཁྲུལ་སོགས་ལ་ལད་མོ་དང་འཕྱ་སྨོད་བྱེད་པ་དང་། དང་བླངས་ཀྱིས་ཐོག་ནས་བརྡ་སྤྲོད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་པ། (དྲི་བའི་རིགས་ཁ་གསལ་བཟོས་ན་འགྲིག)
  • བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲ་ལམ་དང་འཚོ་བ་དངོས་ཀྱི་ཁོར་ཡུག་ཁྲོད་དུ་མཉམ་ཞུགས་བྱེད་མཁན་གྱི་མི་ཞིག་ལ་དམིགས་ཏེ། མི་གཞན་གྱི་རོགས་འདེགས་འོག་གོང་གསལ་གྱི་བྱ་སྤྱོད་གང་རུང་སྐུལ་སློང་དང་དར་སྤེལ་གཏོང་བ་སོགས་འདུས་ཡོད།


གནད་དོན་གླེང་སློང་དང་དོ་ཁུར།

གལ་ཏེ། མི་ཞིག་གིས་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དྲ་ལམ་གྱི་ཁོར་ཡུག་ནང་གི་ཁྱེད་རང་དང་མི་གཞན་པ་གང་རུང་ལ་བདེ་འཇགས་མིན་པའམ་མི་དགའ་བའི་ཚོར་སྣང་སྦྱིན་ཚེ། དེ་མ་ཐག་ཀུན་སྤྱོད་ཀྱི་སྒྲིག་གཞི་དང་འབྲེལ་བའི་ང་ཚོའི་ཡ་ལན་རུ་ཁག་ལ་འབྲེལ་བ་གནང་རོགས། ང་ཚོས་ཁྱེད་ལ་རོགས་པ་བྱེད་ངེས། ཁྱེད་ཀྱིས་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དྲ་ལམ་གྱི་ཚོགས་སྡེའི་ཁོངས་སུ་ཡོད་པའི་ལས་བྱེད་དམ། གཤམ་དུ་འཁོད་པའི་འབྲེལ་ཡོད་སྐུ་ཚབ་མི་སྣར་འབྲེལ་བ་བྱེད་རོགས། འོན་ཀྱང་། གསལ་བཤད་ཞུ་དགོས་པ་ཞིག་ལ། གནོད་འཚེ་ཕོག་ཡུལ་གྱི་གང་ཟག་གམ། བྱ་སྤྱོད་གང་རུང་ཞིག་ཚུལ་མིན་ཡིན་པ་ངོས་འཛིན་འཐོབ་མཁན་གྱི་དཔང་མི་གང་རུང་གིས་དོན་རྐྱེན་ཡར་ཞུ་བྱེད་པར་ད་དུང་དུས་ཡུན་གང་མཚམས་འགོར་སྲིད། བརྙས་བཅོས་དང་དེ་མིན་གྱི་ཀུན་སྤྱོད་དང་འབྲེལ་བའི་ལམ་སྟོན་སྒྲིག་གཞི་གཏོར་བརླག་བྱེད་མཁན་གྱིས་མི་ཚང་མའི་འཚོ་བའི་ཉམས་མྱོང་ལ་གནོད་སྐྱོན་གཏོང་ངེས། ང་ཚོའི་ཁོར་ཡུག་ཁྲོད་དུ། ཁྱེད་ལ་སྤྲོ་སྐྱིད་དང་གྲུབ་འབྲས་ལྡན་པ་ཞིག་ཡོང་བའི་རེ་བ་ཡོད། ཁྱེད་རང་ལྟ་བུའི་མི་རྣམས་ཀྱིས་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དྲ་ལམ་གྱི་ཚོགས་སྡེ་དེ་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་ཏུ་བསྒྱུར་གྱིན་ཡོད།

ཀུན་སྤྱོད་ཀྱི་སྒྲིག་གཞི་དང་འབྲེལ་བའི་ང་ཚོའི་ཡ་ལན་རུ་ཁག་གིས་ཁྱེད་ཀྱི་བློ་འཚབ་ལ་བསམ་བཞེས་དང་ཉན་འཇོག་བྱེད་ངེས། གལ་ཏེ། ཁྱེད་ཀྱི་དཀའ་ངལ་དེ་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དྲ་ལམ་གྱི་ཚོགས་སྡེའི་ཁོངས་ཀྱི་ལས་བྱེད་ཅིག་དང་འབྲེལ་བ་ཡོད་ཚེ། ལས་བྱེད་དེ་སོ་སོའི་ལས་གནས་ནས་ཕྱིར་ཐོན་ངེས།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དྲ་ལམ་གྱི་ཚོགས་སྡེའི་སྐུ་ཚབ་མི་སྣ།

  • རྡོ་རྗེ་ཕུན་ཚོགས། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ཡ་ལན་རུ་ཁག་གི་དོ་དམ་པ།
  • དགེ་འཕེལ་ནོར་བཟང་། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ཡ་ལན་རུ་ཁག་གི་འབྲེལ་མཐུད་པ།


སྤྱོད་ལམ་སྐོར་གྱི་ལམ་སྟོན་སྒྲིག་གཞི་འདི་ཟུར་འདོན་བྱ་ཡུལ།

OTF ལམ་སྟོན་སྒྲིག་གཞི།-https://we.opentech.fund/t/otf-code-of-conduct/585

དྲ་རྒྱའི་རང་དབང་དུས་སྟོན་གྱི་ལམ་སྟོན་སྒྲིག་གཞི།-https://www.internetfreedomfestival.org/wiki/index.php/Code_of_Conduct

གྷི་རེ་སི་མོ་རྩོད་རིང་ལུགས་ཀྱི་དཔེ་མཚོན་ཚོགས་འདུའི་བརྙས་བཅོས་ལ་རྒོལ་བའི་སྲིད་ཇུས།-http://geekfeminism.wikia.com/wiki/Conference_anti-harassment/Policy

གསལ་བཤད།: ལམ་སྟོན་སྒྲིག་གཞི་ཁག་གནས་སྟངས་ལ་གཞིགས་པའི་ཐོག་ནས་འགྱུར་བ་འགྲོ་སྲིད།