ཡ་ལན་ཚན་པ།

ཡ་ལན་ཚན་པ་ནི་ཅི་ཞིག་ཡིན།

ཡ་ལན་ཚན་པ་ནི་དང་བླངས་ཀྱིས་གྲུབ་པའི་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་སྡེའི་སྡིངས་ཆ་ཞིག་ཡིན་ལ། སྡིངས་ཆ་དེ་ནི་སློབ་སྦྱོང་དང་། མཉམ་སྤྱོད། དྲ་བ། རྒྱབ་སྐྱོར་བཅས་ཀྱི་སྒྲོམ་གཞིའི་སྟེང་ནས་བསྐྲུན་ཡོད། ཚོགས་འདུ་དང་། གྲོས་བསྡུར། བློ་བསྡུས་དགེ་འཚོལ་གྱི་ཚོགས་ཐུན་ཁག་བརྒྱུད་དེ་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་འཕྲུལ་རིག་བདེ་འཇགས་ཀྱི་གནད་དོན་གླེང་སློང་དང་ཐག་གཅོད་བྱེད་པརབསྐྲུན་པའི་གོ་སྐབས་ཆེན་པོ་ཞིག་ཡིན། མཐའ་མའི་དམིགས་ཡུལ་ནི། དཀའ་ངལ་དེ་དག་སེལ་བྱེད་ཀྱི་ཐབས་ལམ་འཚོལ་རྒྱུ་དང་མཉམ་རུབ་ཀྱིས་ཐོག་ནས་ལས་ཀ་བསྒྲུབས་ཏེ་ཐབས་ལམ་དེ་དག་ལག་བསྟར་བྱེད་རྒྱུ་དེ་ཡིན།

ཡ་ལན་ཚན་པ་ནི་ཅི་ཞིག་ཡིན།

ཐུག་འཕྲད་ནི། ཟླ་རེའི་ནང་དུ་འཚོགས་བཞིན་པའི་རང་དགར་གྱི་འདུ་འཛོམས་ཤིག་ཡིན་ལ། འདུ་འཛོམས་དེ་ཡ་ལན་ཚན་པ་ཀྱི་ཚོགས་མི་ཁག་གི་བར་དུ་གཟའ་མཇུག་ལ་བསྐོང་གི་ཡོད། ཐུག་འཕྲད་དེའི་དམིགས་ཁ་གཏོད་ས་ནི། ཚོགས་མི་ཁག་གིས་ཕན་ཚུན་ངོ་ཤེས་པའི་ཆེད་དུ། གཞུང་འབྲེལ་མ་ཡིན་པའི་གུ་ཡངས་དང་། མཛའ་བརྩེའི་རྣམ་པ་ཅན་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དང་། རང་རེའི་སྤྱི་ཚོགས་ཁྲོད་ཀྱི་འཕྲུལ་རིག་བདེ་འཇགས་དང་འབྲེལ་བའི་དཀའ་ངལ་ཁག་ལ་ཇི་ལྟར་གདོང་ལེན་བྱེད་དགོས་མིན་སྐོར་ལ་གྲོས་བསྡུར་བྱས་ཏེ། གསར་གཏོད་རང་བཞིན་གྱི་ཐད་གཅོད་ཇུས་གཞི་དང་ཐབས་ལམ་འཚོལ་རྒྱུ་དེ་ཡིན། འཕྲུལ་རིག་ལག་རྩལ་ཐད་ཀྱི་དགོས་མཁོ་དང་། འདུ་འཛོམས་ལ་ཞུགས་མཁན་གྱི་ཚོགས་མིའི་གྲངས་འབོར་ལ་གཞིར་བཞག་པའི་ཐོག་ནས། ཐུག་འཕྲད་ཀྱི་ས་གནས་དེ་འཚིག་ཇ་ཁང་དང་། ཚོགས་ཁང་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་ཁུངས་སོགས་སུ་བསྐོང་སྲིད། འདུ་འཛོམས་ཀྱི་དུས་ཚོད་དང་ཉིན་མ་གཏན་འཁེལ་བྱས་མེད་པས། ཡ་ལན་ཚན་པ་ཀྱི་ཚོགས་མི་ཁག་དང་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ལས་མི་ཚོའི་བསམ་འཆར་གཞིར་བཟུང་སྟེ། དེ་དག་ལ་ག་དུས་ཡིན་ཡང་འགྱུར་བ་གཏོང་སྲིད།

སུ་ང་ཚོའི་ཁྲོད་དུ་མཉམ་ཞུགས་བྱེད་ཆོག

སྐུ་ཁམས་བཟང་། ཁྱེད་ནི་མི་གསར་བ་ལ་ཐུག་འདོད་མཁན་དང་། འཕྲུལ་རིག་བདེ་འཇགས་སྐོར་གྱི་བསམ་ཚུལ་གསར་བ་བརྗེ་རེས་དང་སློབ་སྦྱོང་བྱེད་འདོད་མཁན་གྱི་མི་ཞིག་ཡིན་ནམ། ཁྱེད་ནི་མི་གཞན་ལ་ཐུག་འཕྲད་བྱེད་རྒྱུར་དགའ་བ་མ་ཟད། འཚིག་ཇ་རེ་འཐུང་ཞོར་དུ་བསམ་ཚུལ་ཡག་པོ་དེ་འདྲ་འདོན་མཁན་གྱི་མི་ཞིག་ཡིན་ནམ། ཁྱེད་ནི་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་འཕྲུལ་རིག་བདེ་འཇགས་དང་འབྲེལ་བའི་དཀལ་ངལ་ཁག་སེལ་ཐབས་སུ་ཞབས་འདེགས་སྒྲུབ་འདོད་མཁན་གྱི་མི་ཞིག་ཡིན་ནམ། གལ་ཏེ། ཁྱེད་ཀྱིས་རང་ཉིད་གོང་འཁོད་ཀྱི་དྲི་བ་འདི་དག་དང་འབྲེལ་བ་འདུག་སྙམ་ཚེ། ང་ཚོའི་ཁྲོད་དུ་མཉམ་ཞུགས་བྱེད་ཆོག ཁྱེད་ཀྱི་གྲོགས་པོའི་ཚོའི་ནང་དུ་མཉམ་ཞུགས་བྱེད་འདོད་མཁན་དེ་འདྲ་ཡོད་ཚེ། ཁོང་ཚོར་ཡང་བརྡ་ལན་འབུལ་རྒྱུ་མ་བརྗེད་པ་གནང་རོགས།


ངྷ་རམ་སའི་ཡ་ལན་ཚན་པ་ནི། སྤྱི་ལོ་༢༠༢༠་ལོའི་ཟླ་༡༠་ཚེས་༡༦་ཉིན་གསར་འཛུགས་བྱས་པ་ཡིན་ལ། དེ་ནི་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཁྱབ་ཁོངས་ཀྱི་དང་བླངས་པའི་སྡེ་ཁག་ཅིག་ཡིན། ཡ་ལན་ཚན་པ་དེའི་དམིགས་ཡུལ་ནི། སློབ་སྦྱོང་དང་། མཉམ་སྤྱོད། དྲ་བ། རྒྱབ་སྐྱོར་བཅས་ཀྱི་སྒྲོམ་གཞི་གཞིར་བཞག་གི་ཐོག་ནས། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཁྱབ་ཁོངས་ལས་བརྒལ་བའི་མི་སྒེར་དང་ཚོགས་པ་སྒྲིག་འཛུགས་ཁག་ལ་རོགས་འདེགས་བྱེད་རྒྱུ་དེ་ཡིན། ད་ལྟའི་ཆར། ཆེད་ལས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ངྷ་སའི་ཚོགས་པ་འདྲ་མིན་གྱི་ཚོགས་མི་༨ ཡོད།


ཡ་ལན་ཚན་པ་ཀྱི་ཚོགས་མིའི་སྐོར་གྱི་གནས་ཚུལ། : ~



dss

བསོད་ནམས་ཕུན་ཚོགས

སྨོན་ལམ་མི་བཟོས་རིགས་ནུས།

བློ་བཟང་དམ་ཆོས།

ལྷ་སྤྱི་ཚོགས་ཞབས་ཞུ།

ངག་དབང་བཀྲ་ཤིས།

སློབ་ཆེན་སློབ་ཐོན་པ།

བསྟན་འཛིན་ཆོས་སྒྲོན།

རང་མོས་ལས་རིགས།

ཉིན་བཟང་དབང་པོ།

སྨན་རྩིས་ཁང་།

སངས་རྒྱས་དོན་གྲུབ།

བོད་ཀྱི་སྨན་བཅོས་འགན་བཅོལ་མ་ལག

བསྟན་འཛིན་ཆོས་འཛིན།

བོད་ཀྱི་དཔེ་མཛོད་ཁང་།

བསྟན་འཛིན་ལེགས་ལྡན།

བོད་རང་བཙན་སློབ་ཕྲུག་ཚོགས་པ།

རིན་ཆེན་རྡོ་རྗེ།

བོད་རང་བཙན་སློབ་ཕྲུག་ཚོགས་པ།

རང་རེའི་སྤྱི་ཚོགས་ནང་དུ་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་སུ། ང་ཚོའི་ཡ་ལན་ཚན་པ་ཀྱིས་བསྒྲུབས་པའི་ལས་དོན་ཁག་ཅིག

གནད་དོན། འགྲེལ་བཤད། འབྲེལ་ཐག

རང་རེའི་སྤྱི་ཚོགས་ཁྲོད་ཀྱི་གནས་ཚུལ་ནོར་བ་དང་རྫུན་མ།

རང་རེའི་སྤྱི་ཚོགས་ཁྲོད་ཀྱི་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ཤུགས་རྐྱེན་སྐོར་ལ་གོ་བསྡུར།གནས་ཚུལ་རྫུན་མ་དང་ནོར་བ། ཏོག་དབྱིབས་རིམས་ནད། བོད་མིའི་འོས་བསྡུ། སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ཁ་བྱང་རྫུན་མ། ངོ་བོ་རྐུ་འཁྱེར། དྲ་སྟེང་གི་བརྙས་བཅོས་དང་བསུན་གཙེར། ང་ཚོས་གསར་འགྱུར་དང་། བོད་མིའི་སྲིད་ཇུས། བུད་མེད་ཐོབ་ཐང་རྩོད་ལེན། འཕྲོད་བསྟེན་དང་སྨན་བཅོས་ལྟ་སྐྱོང་སོགས་ལས་རིགས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་གཏམ་བཤད་པ་ཁག་ཚོ་ཆུང་གོ་བསྡུར་གྱི་ཁྲོད་དུ་གདན་འདྲེན་ཞུས། གོ་བསྡུར་གཏམ་བཤད་ལ་གསན་མཁན་རྣམས་ནི། ངྷ་སའི་ཉེ་འགྲམ་གྱི་ཚོགས་པ་ཁག་གི་སྐུ་ཚབ་དག་ཡིན།

  • Impact of Social Media in Community
  • Panel Discussion
  • སྐད་ཡིག་གི་བཀག་རྒྱ།

    ང་ཚོས་བོད་ཡིག་གི་ཐ་སྙད་མང་པོ་ཞིག་གིས་གྲུབ་པའི་གཞི་གྲངས་ཀྱི་མཛོད་ཅིག་བཟོས་ཡོད། དེའི་ནང་དུ་འཕྲུལ་རིག་ལག་རྩལ་སྐོར་གྱི་ཐ་སྙད་ཁག་གི་བོད་ཡིག་གི་འགྱུར་ཚང་མ་་ཡོད། དེ་བས། ཁྱེད་ཀྱིས་དྲ་སྟེང་དུ་ཐ་སྙད་ཅིག་གི་ནང་དོན་མི་ཤེས་ཚེ། ག་དུས་ཡིན་ཡང་ཐ་སྙད་ཀྱི་མཛོད་དེ་དཔྱད་གཞིར་འཛིན་ཆོག

    Tibetan Glossary

    ཡ་ལན་ཚན་པ་དེ་རྒྱུ་ཆའི་ལྟེ་གནས་ཡིན།

    ང་ཚོས་རྒྱུན་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་མཉེན་ཆས་དང་སྤྱོད་སྒོ་ཆེ་བའི་ཡོ་བྱད་ལྟ་བུའི་རྒྱུ་ཆ་ཁག་ཡ་ལན་ཚན་པ་ཀྱི་ཚོགས་མི་ཚོར་མཉམ་སྤྱོད་བྱས་པའི་ཐོག་ནས། ཚོགས་མི་སོ་སོའི་འབྲེལ་ཡོད་ཚོགས་པ་ཁག་གི་ནང་དུ་མཉམ་སྤྱོད་བྱེད་པའི་འབད་རྩོལ་བྱེད་ཀྱི་ཡོད། མཉེན་ཆས་དང་ཡོ་བྱད་དེ་དག་ཚོགས་པ་མང་པོ་ཞིག་ལ་དགོས་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། ང་ཚོས་འཕྲུལ་རིག་གི་ཐོན་རྫས་དེ་དག་ཉོ་བར་རོགས་འདེགས་བྱེད་ཀྱི་ཡོད། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་སྡེ་ལ་རྒྱུ་ཆ་དེ་དག་ལྡན་པས། རང་རེའི་སྤྱི་ཚོགས་ལ་རོགས་འདེགས་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡིན།

    link

    མཉེན་ཆས་ནང་འཇུག་དང་། བཀོལ་སྤྱོད། གསར་སྣོན་གྱི་གནད་དོན།

    1. ང་ཚོས་མཉེན་ཆས་ཀྱི་དྲ་ཚིགས་ཨ་མ་འཚོལ་བཤེར་བྱེད་པ་དང་། དེ་དག་མཐུན་སྦྱོར་ཡོང་མིན་དང་། བདེ་འཇགས། བསྐྱར་ཞིབ་སོགས་ཀྱི་སྐོར་ལ་ཟབ་སྦྱོང་སྤྲད་པ་ཡིན། དེ་དག་གི་སྐོར་ལ་ཉམས་ཞིབ་བྱས་མཐར། མཉེན་ཆས་ཤིག་ཕབ་ལེན་དང་། ནང་འཇུག དེ་ནས་བཀོལ་སྤྱོད་བྱས་པ་ཡིན། ང་ཚོས་སྐར་ཁུང་རྩིས་འཕྲུལ་དང་། ཀུ་ཤུའི་རྩིས་འཕྲུལ། ཨན་ཌོ་ཁ་པར། ཀུ་ཤུའི་ཁ་པར་སོགས་ཀྱི་མ་ལག་ཇི་ལྟར་གསར་སྣོན་བྱེད་དགོས་མིན་སྐོར་ལ་ཟབ་སྦྱོང་སྤྲད་པ་ཡིན།

    2. ང་ཚོས་སྐར་ཁུང་རྩིས་འཕྲུལ་དང་། ཀུ་ཤུའི་རྩིས་འཕྲུལ། ཨན་ཌོ་ཁ་པར། ཀུ་ཤུའི་ཁ་པར་སོགས་ཀྱི་མ་ལག་ཇི་ལྟར་གསར་སྣོན་བྱེད་དགོས་མིན་སྐོར་ལ་ཟབ་སྦྱོང་སྤྲད་པ་ཡིན།

    link

    ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་འཕྲུལ་རིག་ཉེན་སྲུང་གི་སྲིད་ཇུས་ཀྱི་གལ་ཆེའི་རང་བཞིན།

    1. འཕྲུལ་རིག་ཉེན་སྲུང་གི་སྲིད་ཇུས་སྐོར་གྱི་གོ་རྟོགས་ལས་འགུལ་ཁྲོད་དུ། ངྷ་རམ་ས་ལའི་ཚོགས་པ་འདྲ་མིན་མཉམ་ཞུགས་བྱས་ཡོད།

    2. འཕྲུལ་རིག་ཉེན་སྲུང་གི་སྲིད་ཇུས་ཀྱི་གལ་ཆེའི་རང་བཞིན་སྐོར་གོ་རྟོགས་སྤེལ་བའི་ཆེད་དུ་བཟོས་པའི་་བརྙན་ཐུང་།

    link